༄༅། །འདུས་པའི་དམར་ཁྲིད་རྒྱུད་དོན་སྙིང་པོ་བཞུགས་སྟོ།། ༄༅། །རང་གི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་ ཟླའི་སྟེང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། ནས། རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཅོག་ ནས་ [038A]༄༅། །བརྒྱན་པ། ཡུམ་རེག་བྱ་རྡོ་རྗེ་མ། ནས། འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ནས། རོལ་པ། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས། ནས་འཕྱར་བ་ འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རྡོ་རྗེ་དཀྱིལ་མོ་ཀྲུང་གིས་བཞུགས་པ། བླ་མའི་སྦྱི་བོར་རྣམ་པར་སྣང་མཛད། ནས་རྒྱལ་པོ། བླ་མའི་སྤྱི་བོར་སྐུ་རྡོ་རྗེའི་དོག་ཨོཾ་དཀར་པོ་ནས་ཧཱུཾ་སྔོན་པོ། །ཐུགས་བའི་ཧཱུཾ་ལས་འོད་ཟེར་འཕྲོས། རང་བཞིན་ གྱི་གནས་ནས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་ཆོས་སྐྱོང་སྲུངས་མ་སྣོད་བཅུད་ཀྱི་ཡོན་ཏན་དང་བཅས་པ་ཐམས་ཅད་སྦྱིན་དྲངས། ཛཿ་ཧཱུཾ་བཾ་གོཿ་གཉིས་སུ་མེད་པར་ཐིམ་པར་གྱུར། ཨོཾ་གུ་རུ་ བུ་དྡྙ་བོ་དཧིས་ཏྭ་ས་པ་རི་བར་ཨ་རྒྷཾ་ནས་ཤ་བྟ་བའུ་ཛ་མེ་གྷ་ས་མུ་ཏྲ་སྥྲར་ཎ་ས་མ་ཡ་ཤྲཱིཡེ་ཧཱུཾ། དེ་བཞིན་དུ་འདོད་ཡོན་ལྔ། ཨོཾ་བྫྲ་ཐྲི་ག་ཨོཾ་ཨཱ་ཧཱུཾ། ནས་སྦར་མྫྲ་ཨོཾ་ཨཱ་ཧཱུཾ། བླ་མའི་གསང་གནས་མི་ དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། ནས་ཨཏྨ་ཀོ་ཉ་ཧི། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་རྡུལ་ཕྲ་རབ་ལས་གྲུབ་པའི་དེ་བཞིན་གཤེགས་པ་ནམ་ མཁའི་ཁམས་གང་བ་རྣམས་སྙོམས་པར་ཞུགས་པའི་ལྷ་རྣམས་བདེ་བ་ཆེན་པོས་མཉེས་ཤིང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ ཆེ་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེལ་གསོལ་བ་འདེབས་སོ། །དམ་ཆོས་བདུད་རྩིའི་འབྱུང་གནས་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །འགྲོ་ ཀུན་འདྲིན་པའི་གཙོ་བོ་བླ་མ་རིན་པོ་ཆེ་ལ་སོགས་བ་འདེབས་སོ། །བདག་གི་རེ་སའི་སྐྱབས་གནས་ཉེ་བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོའི་སྤུ་གུའི་ནང་ནས་བདུད་རྩི་དཀར་པོའི་རྒྱུན་བབས། རང་ [038B] ལུས་ཐམས་ཅད་གང། ལུས་ཀྱི་སྒྲིབ་པ་དག་བླ་མའི་སྐུའི་བྱིན་བརླབས་ཞུགས། བུམ་པའི་དབང་ཐོབ་སྐུ་རྡོ་རྗེ་བསྒོམ་པ་ལ་དབང། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ བཞག་དེས་ཕྱི་མ་གསུམ་འདྲ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ནས་བསྩལ་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། བླ་མ་གདན་བཅས་རང་གི་སྤྱི་བོར་བྱོན་ཏེ་རང་དང་ཞལ་ལྟ་ཕྱོགས་ མཐུན་པར་བཞུགས། ཡང་དཔལ་ལྡན་སོགས་ཀྱིས་གསོལ་བ་བཏབ་པས་ཉི་མ་རང་གི་སྤྱི་བོ་ནས་ཞུགས་སྙིང་ཁའི་ཁམས་དམར་པོ་ལ་ཐིམ་པ་ལས་ཉི་གདན། ཡང་གསོལ་བས་ཟླ་བ་ཁམས་དཀར་བོ་ལ་ཐིམ་པས་ཟླ་བ་ ཡང་གསོལ་བས་བླ་མ་ཤིན་ཏུ་ཕྲ་བའི་རླུང་སེམས་ལ་ཐིམ་པ་ལས་བླ་མར་བཞེངས་པར་བསམ་ལ། སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང། ནས་ཤོག་དེ་ནས་ལུས་གནད་བཅས། རྩ་གསུམ་ འཁོར་ལོ་དྲུག་ལྡན་གསལ་བཏབ། སྣ་བུག་གཡོན་ནས་རླུང་རྡུ་བ། དམིགས་པས་རྐྱང་མ་ནས་སོང། རྐྱང་མའི་མར་སྣ་རོ་མའི་མར་སྣར་བཅུག་བ་ནས་རོ་མའི་ནང་དུ་སོང། དེའི་ནང་གི་ ཆང་ཚིང་དང་ནད་གདོན་དང་རྩ་ཞར་བ་འཁུམ་པ་རེངས་པར་ལ་པ་སོགས་ཀྱི་སྐྱོན་རྣམས་སྦྱངས་ཏེ་གཙང་སངས་སངས་དག་པར་བསམ་ལ་སྣ་བུག་གཡས་པ་ནས་ཕྱིར་འབུད་ཅིང་དེ་ཡང་འབུད་ཆུང་གསུམ་བྱ་ དེ་ལྟ་བུ་ལན་གསུམ། ཡང་སྣ་བུག་གཡས་བ་ནས་རྡུ་བ། དམིགས་པས་རོམ་ནས་སོང། རོ་མའི་མར་སྣ་རྐྱང་མའི་མར་སྣར་བཅུག་པ་ནས་རྐྱང་མའི་ནང་དུ་སོང། དེའི་སྐྱོན་ཐམས་ཅད་སྦྱངས་པར་བསམ་ ལ་གཡོན་པ་ནས་འབུད་ཅིང་འབུད་ཆུང་གསུམ། དེ་ལྟ་བུ་གསུམ། དེ་ནས་སྣ་བུག་གཉིས་ཀ་ནས་རྡུ་བ་ཅིང། དམིགས་པས་རོ་རྐྱང་གཉིས་ཀ་ནས་སོང། དེ་གཉིས་ཀའི་མར་སྣ་དབུ་མའི་མར་ [039A]༄༅། །སྣར་བཅུག་པ་ནས་དབུ་མའི་ནང་དུ་སོང། དེའི་སྐྱོན་རྣམས་སྦྱངས་པར་བསམ་ལ་གཉིས་ཀ་ནས་འབུད་ཅིང་འབུད་ཆུང་གསུམ། དེ་ལྟ་བུ་གསུམ་བྱ། དེ་ནས་རང་གི་སེམས་ ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་སོང། སྟེང་འོག་ཐད་ཀ་རྣམས་སུ་བལྟས་པས་ས་ལེ་མཐོང། །དེ་ནས་མ་གྲིན་པ། དེ་ནས་སྙིང་ཁ། དེ་ནས་ལྟེ་བ། དེ་ནས་གསང་གནས་ རྣམས་སུ་སྔར་བཞིན། དེ་ནས་ནོར་བུའི་དབུས་སམ་བཧུ་ཏིའི་མར་སྣར་ཉི་གདན་ཆེན་སྲན་མ་འབྲིང་པོ་ཕྱེད་གཤགས་ཙམ་མ་མཆུང་ན་ཡུངས་དཀར་སྦོམ་པོ་ཕྱེད་གཤགས་ཙམ་གསལ་གདབ། སྙིང་ཁ་ནས་ ཐིག་ལེ་ཆེན་ནས་ཙམ་ཆུང་ན་ཡུངས་དཀར་ཕྲ་མོ་ཙམ་ཕ་བ་ཏི་ཉི་གདན་གྱི་སྟེང་དུ་བཞག་སེམས་དེ་དང་དབྱེར་མེད་དུ་བསྲེས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་དེ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ ཐིམ་གསུམ་གྱི་རྟགས་སྣ་བུག་གཉིས་ཀ་ནས་རླུང་མཉམ་རྒྱུ་ཤེད་མཚུངས་དེས་ཅན་དུ་ཐེངས་པ་ནས། སློང་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཐོ་རངས་ནམ་མཁའ་གཡའ་དག་ལྟ་བུའི་འོད་གསལ་གྱི་བར་ རྣམས་བྱུང་བར་མོས། དེ་ནས་སྣ་བུག་ནས་རླུང་ཅུང་ཟུད་རྡུ་བ་པོར་རྐྱང་ནས་སོང། དེ་གཉིས་ཀྱི་མར་སྣ་དབུ་མའི་མར་སྣར་བཅུག་པ་ནས་ཡེ་རྒྱའི་གསང་གནས་ནས་བྱུང་བའི་རླུང་དང་མཉམ་དུ་དབུ་མར་ཞུགས་ དམིགས་རྟེན་གྱི་ཉི་གདན་སྦར། དེ་ནས་ཐིག་ལེ་སྦར་བ་ནས་མེ་བྲན་རྟ་རྡ་ཙམ་མམ་སྦོམ་ན་རྒྱ་ཁབ་ཙམ། དབྱིབས་གཟུང་མོ་བྱེ་ཐུར་ཏེ་སྒང་གི་སྤུ་ཐུར་ལྟ་བུ། རིང་ཐུང་སོར་གང་ཙམ་མམ་དེ་ལས་ཐུང་བ་ འམ་རིང་བ་ཇི་ལྟར་འཚམ་པ་ཅི་གཡར་སོད། གསང་གནས་ཀྱི་རྩ་འཁོར་ལམ་སླེབ་ཙམ་ནས་ཕྱིར་ལོག་པའམ་མ་ལོག་ཀྱང་ཅུང་ཟད་ངལ་སོས། ཡང་སྣ་བུག་ནས་རླུང་ཅུང་ཟད་རྡུབ་པས་མེ་སྦྱར་བས་ [039B] དེ་ནས་ལྟེ་བའི་གདུམ་མོ་སྦར། དེ་རིམ་པ་བཞིན་སྙིང་ཁ། མགྲིན་པ་རྣམས་སུ་སླེབ། དེ་ནས་མེའི་འོད་ཀྱིས་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་ཟླ་བ་ལ་གནས་པའི་ཧམ་ཡིག་ མགོ་ཐུང་དུ་ལྟ་བ་ལ་ཕོག་དེ་མི་བཟོད་པར་གྱུར་ཏེ་ཞུ་བའི་ཐིག་པ་མེ་ལ་ཕོག་མེ་ཆེར་སོང། ཡང་ཧོ་ཞུ་བའི་ཐིག་པ་མེ་ལ་ཕོག་ངེས་ཀྱང་མེ་ཤིན་ཏུ་ཆེར་སོང། དེ་ལྟ་བུའི་ཚུལ་གྱིས་མེ་ཇེ་ཆེར་སོང་ བའི་འོད་ཀྱིས་སྦྱི་བོའི་རྩ་འཁོར་གྱི་བྱང་སེམས་དང། གཞན་ཡང་ལུས་ཀྱི་རྩ་སྟོང་ཕྲག་དོན་གཉིས་ན་བྱང་སེམས་པ་མོ་ལྟར་སྐྱ་ཁག་གེ་ཡོད་པ་ཐམས་ཅད་བཞུ་ནས་དབུ་བཞི་ནང་དབུ་མའི་ནང་དུ་འདྲེས་ནས་བབས་པ་སྤྱི་ བོ་ནས་མགྲིན་པར་སླེབ་པན་དགའ་བ། ནས་ནོར་བུའི་རྩེར་སླེབ་པ་ན་ཡས་བབས་ཀྱི་ལྷན་སྐྱེས་རྫོགས་པར་འཆར། དེ་ནས་ཡིད་ཀྱིས་ཐིག་ལེ་དབྱེན་དུ་བཟློག་པས་དབུ་མའི་ནང་ནས་གྱེན་དུ་སོང་ཞིང་ དེ་ཡང་རྩ་འཁོར་གཞན་ནས་བབས་པ་རྣམས་རིམ་གྱིས་རྩ་འཁོར་དེ་དང་དེ་ནས་ཅ་སོ་སོར་ཀྲམ་འགྲོལ་སྤྱི་བོའི་ཧཾ་ཡིག་ནས་བབས་པ་དེ་རིམ་གྱིས་ལྟེ་བར་སླེབ་པ་ན་དགའ་བ། ནས་སྦྱི་བོའི་ཧམ་ཡིག་ལ་ཐིམ་ནས་ བརྟན་པ་ནམས་བརྟན་གྱི་གྷན་སྐྱོས་རྫོགས་པར་འཆར། དེ་ལྟ་བུའི་མས་བརྟན་གྱི་དགའ་བཞི་ནི་ཡས་བབས་ཀྱི་ལྷན་སྐྱེས་ཀྱི་རྒྱུན་ཡིན། ལྷན་སྐྱེས་ཀྱི་ཚེ་བདེ་སྟོང་སྦྱར་ལ་རྩེ་གཅིག་ཏུ་བསྒོམ། མཉམ་བཞག་དེ་ ལས་ལྡང་བར་འདོད་པ་ན་སྔར་ནས་སྒྱུ་མའི་སྐུར་ཕྱི་རོལ་ཏུ་ལྡང་སྙམ་པའི་འཕེན་པ་བཏང་བཅུང་ཟད་དྲན་པར་བྱ། ལངས་པ་དང་མཉམ་དུ་པུང་པོ་རྙིང་བའི་ཕྱི་རོལ་ཏུ་རྡོ་རྗེ་འཆང་ཡབ་ཡུམ་དཀར་པོ་གཙོ་ བོར་གྱུར་བའི་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ལྔས་པར་མོས། །དེ་ལྷར་ལྔས་པ་དེས་སྔོན་ཨ་རང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་འཚམས་ཀྱི་འོད་ཟེར་གྱིས་སྣོད་བཅུད་ཐམས་ [040A]༄༅། །ཅད་འོད་གསལ་དུ་བཅུག་ནས་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་དང་བཅས་པ་འོད་དུ་ཞུ་ནས་རང་ལ། རང་ཡང་སྟོད་སྨད་གཡས་གཡོན་ མདུན་རྒྱབ་ཐམས་ཅད་ནས་སྙིང་ཁའི་ཧཱུཾལ། དེ་ཡང་རིམ་གྱིས་མི་དམིགས་པར་བསམ་པའི་རྗེས་གཞིག་དང་རིལ་འཛིན་གྱི་སྡུད་རིམ་བསྒོམ་བས། སྨིག་རྒྱུ་ནས་འོད་གསལ་གྱི་བར་གྱི་ རྟགས་རྣམས་འཆར། དེ་ལས་ལྡང་འདོད་པ་ན་སྔར་གྱི་འཕེན་པ་ཅུང་ཟད་དྲན་པར་བྱས་ཏེ་ཕུང་པོ་རྙིང་བ་སྤྲུལ་སྐུ་རྡོར་སེམས་སུ་བལྟས་པའི་སྙིང་ཁར་འཇུག་དེ་དང་དུས་མཉམ་དུ་ ལུགས་ལྡོག་གི་ཉེར་ཐོག། དེ་ལས་མཆེད་བ་སོགས་རྟགས་དང་རྟགས་ཅན་བརྒྱད་ཁེབ་ཁེབ་པར་འཆར། སྣ་བུ་གནས་ཆུང་རྒྱུབ་སོགས་འབྱུང། །རྗེས་ཐོབ་ཏུ་མིག་གསོགས་དབང་པོ་ལྔ་ཡུལ་ལ་ འཇུག་པའི་ཚེ་ཡིད་ཤེས་ཀྱི་ཡུལ་ལྔ་བདེ་སྟོང་གི་རྣམ་རོལ་ཏུ་ཡང་དང་ཡང་དུ་བསྒོམ་པ་སོགས་སོར་སྡུ། བུང་སོགས་རིགས་ལྔ་སོགས་སུ་བསྒོམ་པ་སོགས་བསམ་གཏན། དེ་ལ་ཡན་ ལག་ལྔ་ལས་ལྷའི་རྣམ་པར་རྩིང་བར་བསྒོམ་པ་རྟོག་པ། ཞིབ་བད་སྒོམ་པ་དཔྱོད་བ། བསྒོམ་པས་ཤིན་སྦྱངས་སྐྱེ་བའི་སྔ་ལྟས་ཀྱི་དགའ་བ་ནི་དགའ་བ། ཤིན་སྐྱངས་སྡེས་པའི་དུས་ཀྱི་ཡིད་བདེ་བ་ནི་ བདེ་བ༑ མཉམ་བཞག་གི་སྐབས་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ནི་རྩེ་གཅིག་པ། སྙིང་ཁར་རྩ་འདབ་བརྒྱད་ཀྱི་ངོ་བོ་པདྨ་དམར་པོ་འདབ་མ་སུམ་རིམ་པ་འམ་ རྩ་འདབ་གསུམ་རིམ་པའི་ཕྱི་མ་ལ་དབྱངས་དཀར་པོ། །བར་མ་ལ་གསལ་བྱེད་དམར་པོ། །ནད་མ་ལ་རི་ལི་ནག་པོ། །ཐམས་ཅད་ཀྱི་མགོར་ཐིག་ལེ། ། [040B] ནང་དུ་ཨ་ཐུང་ཤད་ཀྱི་རྣམ་པ་ཅན་འོག་ཟུར་གྱི་རྩ་མོ་ཕྲ་བ། ཁ་དོག་སྔོན་པོ། །དེའི་སྟེང་དུ་ཟླ་ཆོས་དམར་ པོ༑ ༑དེའི་ཏེང་དུ་ཐིག་ལེ་དཀར་པོ། །དེའི་ནཱད་སྡོན་པོ་ཤེལ་རྟོག་དང་ཤེལ་ཐག་ལྟ་བུར་གསལ་གདབ། དེ་ནས་ཨ་ཐུང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས། རླུང་དབུ་མར་ཞུགས་པ། ནས་འོད་གསལ་གྱི་ བར་གྱི་རྟགས་རྣམས་འཆར། དེ་ནས་སྔར་ལུས་དབེན་གྱི་སྐབས་ལྟར་གཏུམ་མོ་སྦར། དེའི་མཐུས་ལུས་ཀྱི་རྩན་ཐམས་ཅད་ན་བྱང་སེམས་པ་མོ་ལྟ་བུ་སྐྱ་ཁག་གི་ཡོད་བ་རྣམས་ཞུ་ནས་སྟེང་འོག་གཡས་ གཡོན་མདུན་རྒྱབ་ཐམས་ཅད་ནས་འདུས་པའི། རྩ་རྩེ་ནས་སྙིང་ཁའི་རྩ་འདབ་ཕྱི་མའི་བར་ལ་ཆ་བཞིར་བྱས་པའི་ཆ་དང་པོ་ལ་འདུས་པ་ན་སྨིག་རྒྱུ། གཉིས་པ་ན་དུ་བ། གསུམ་པ་ལ་མཁའ་ སྣང༑ བཞི་པ་ལ་མར་མེ། དེ་ནས་པདྨའམ་རྩ་འདབ་ཕྱི་མའི་ཡི་གེ་ལ་དགའ་བ་དང་སྣང་བ་བར་མའི་ཡི་གེ་ལ་མཆོག་དགའ་དང་མཆེད་བ། ནང་མའི་ཡི་གེ་ལ་ཁྱད་དཀའ་དང་ཉེར་ཐོབ། ཨ་ ཐུང་ལ་ཐིམ་པ་ན་ལྷན་སྐྱེས་དང་འོད་གསལ་ཤར་བར་མོས་ལ་དེ་སྟོང་སྦྱར། དེ་ནས་ཕར་སྤྲོ་བ་ན་སྔར་གྱི་འཕེན་པ་དྲན་པ་འམ་འོད་གསལ་ལས་ལྡང་བར་རྩོམ་པ་ནས་མ་ལངས་ཀྱི་བར་ལུགས་ལྡོག་གི་ འོད་གསལ། དེ་ནས་བྱང་སེམས་རྩ་འདབ་ནང་མའི་ཡི་གེལ་སློབ་པ་ན་ལུགས་ལྡོག་གི་ཉེར་ཐོབ་ནས། རྩ་རྣམས་ཀྱི་རྩེར་སླེབ་པ་ན་སྨིག་རྒྱུའི་བར་གྱི་རྟགས་རྣམས་ཤར་བར་ མོས༑ ༑ཡང་སྔར་ལྟར་ཚུར་བསྡུ། དེ་ལྟར་ཡང་ཡང་སྦྱང་ཞིང། ལོངས་སྐུར་ལྡང་འདོད་པ་ན་སྔར་ལྟར་ལྡང་བ་སོགས་བྱ། དེའི་ལག་རྗེས་ལ་གཟུང་འཛིན་གྱི་རྣམ་རྟོག་བསྐྱེད་ [041A]༄༅། །པའི་རླུང་བཅུ་གཉིས་བསྡུ་ཐུབ་བ་འབྱུང། སྙིང་ཁའི་ཐིག་ལེ་ཨ་ཐུང་དང་བཅས་པ་སྔར་ལྟར་གསལ་གདབ། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་རླུང་དབུ་མར་ཞུགས་པ་ནས་ འོད་གསལ་གྱི་བར་གྱི་རྟགས་འཆར། དེ་ནས་ཨ་ཐུང་གི་ནཱད་ལས་འོད་དཀར་པོ་སྤོས་རིངས་ཀྱི་དུ་བ་ཕྲ་མོ་ཙམ་དང་དེའི་ལོག་ལ་རླུང་ཐམས་ཅད་འདུས་ཤིང་སྲོག་འཛིན་གྱི་རླུང་གཙོ་ཆེ་བ་མདོག་དཀར་ལ་སྔོ་ མདངས་ཡོད་པ་འོད་ཟེར་ལྔ་པ་ཅན་ཕྲ་མོ་ཞིག་འབྱར་བ་འམ་བརྟེན་པའི་ཚུལ་དུ་ཡོད་པ་སྤྲོས། མགྲིན་པའི་རྩ་འཁོར་ཙམ་དུ་སླེབ། དེ་ནས་ནཱད་ལ་འཇུག་པའི་རང་གདངས་ཨོཾ། །གནས་པའི་རང་གདངས་ ཨཱ་ལྡང་བའི་རང་གདངས་ཧཱུཾ་གི་སྒྲར། གྲགས་ཤིང་ལྔར་འཇུག་གནས་གསུམ་ཡུན་ཚད་མཉམ་པར་མོས། །དེ་ནས་ལྡང་བའི་ཚེ་རིམ་གྱིས་མགྲིན་པ། སྙིང་ཁ། སྤྱི་བོ། །སྨིན་འཚམས། ཕྱི་རོལ་ ཏུ་སོར་བཞི་ཙམ། འཛུབ་གང་ཙམ་ལྡང་བར་མོས་ཤིན་ནང་དུ་འཇུག་པ་སོགས་གོང་ལྟར། དེ་ལྟ་བུལ་ཡང་ཡང་སྦྱ་བཏེ་གོམ་པ་ན་འོད་མེད་པར་བྱས་ཏེ་རླུང་རང་ལ་དེ་ལྟར་སྤྱངས། རྩ་བའི་རླུང་གཞན་བཞི་ ལ་རྡོར་བཟླས་བྱེད་པ་ལ་བྱ་བ་བྱེད་འོག་ཏུ་འབྱུང་བ་ལྟར་དང། ཐུར་སེལ་ལ་འོག་སྒོ་ནས་རྡོར་བཟླས་བྱ། མཉམ་གནས་དང་གྱེན་རྒྱུ་རང་རང་གི་མདོག་ཅན་གཙོ་བོ་དང་རླུང་གཞན་རྣམས་ཀྱི་ཆ་ཤས་ཡོད་པ་ལ་བྱ། ཡན་ ལག་གི་རླུང་ལ་རྡོར་བཟླས་བྱེད་ན་གཞིན་བཞི་མིག་སོགས་དབང་པོ་སོའི་སྒོ་ལ་སྙིང་ཁའི་དབུ་མ་ནས་རྩ་ཐལ་ལེ་ཡོད་པར་མོས་ཏེ་དེའི་ནང་ནས་བྱ། ངེས་པར་རྒྱུབ་པ་སྤུའི་བུག་ཐམས་ཅད་པ་རྩ་རྩེ་ཐོན་པར་བྱས་ ནས་དེའི་ནང་ནས་བྱ་ཞིང་འདི་ལྔ་ཡང་འོད་ཟེར་ལྔ་བ་ཅན་དུ་འདྲ་ལ་ཕྱི་མ་འདི་ལུས་ཤེས་ཀྱི་བཞོན་པར་གྱུར་བའི་རླུང་ལ་དམིགས་ནས་བྱེད་པ་ཡིན་པས་ཁྱབ་བྱེད་དང་བྱེད་ཚུལ་འདྲ་ཡང་རླུང་མི་འདྲ། སྲོག་ཐུར་ [041B] དེ་ལྟ་བུའི་རྡོར་བཟླས་ཀྱི་སྐབས་སུ་ཡང་བདེ་ཆེན་སྐྱེད་བའི་ཕྱིར་དུ་གཏུམ་མོ་འབར་འཛག་བྱ་ཞིང་ལོངས་སྐུའི་བསྲེབ་སོགས་ཀྱང་སྔར་དང་འདྲ། ལས་ རྒྱལ་རིགས་བཞི་ཡོད་པའི་པདྨ་ཅན་ལུས་རིང་ཐུང་ཕྲ་སྒོམ་འཆམ་པ། བཞིན་ཟླུམ་པ། དབྱིབས་ལེགས་པ། དྲི་ཞིམ་པ། རྒྱུད་དུལ་པ། རྩ་ཁ་འབྱེད་སླབ་སོགས་ཡིན་པས་དེ་ལྟ་བུ་བཅལ་ ལམ་ཐུན་མོང་མས་རྒྱུད་སྦྱང་བ་སོགས་བྱས་ལ། རང་གི་སྲིན་ལག་ལ་ཧྲིཿ་བ་ཀོད་དེ་བྷ་ག་མ་ཉེ། ངེས་སིད་ཀྱི་སྒྲ་རང་ཤུགས་ཀྱིས་འབྱུང་བ། ལུས་འདར་པ། རྩ་ཁ་ནས་ཆུ་འཛེག་པ་སོགས་བྱུང་ན་རྩ་ ཁ་ཕྱེ་པ་ཡིན་ཞིང། དེ་ཡང་བྱ་རོག་གདོང་ལས་ཕྱིར་སོར་གཅིག་གམ་མ་མཐའ་ཕྱེད་ཙམ་ནང་བྱུང་བ་ན། རང་གི་རྩ་ནང་དུ་བཅུག་ཏེ་རྩ་རྡོ་རྗེ་སྐྱིལ་ཀྲུང་བྱ། དེ་ནས་རྩ་གཉིས་པ་སྣོལ་འཚམས་སུ་ཕན་ཚུན་ནས་ རླུང་ཅུང་ཟད་འདུས་ཏེ་ཁ་སྦྱང་བའི་རླུང་རྡོ་རྗེ་དཀྱིལ་ཀྲུང་བྱ། དེ་ནས་བྱང་སེམས་རང་ཤུགས་ཀྱིས་བབས་པའམ་རླུང་ཅུང་ཟད་རེ་གྱེན་དུ་སོང་ཏེ་གཏུམ་མོ་བསྐུལ་ཏེ། དེས་བྱང་སེམས་དཀར་དམར་སྙིང་ཁ་ ནས་ཕབ་ཏེ་རྩ་གཉིས་པ་སྣོལ་འཚམས་ཀྱི་རླུང་གི་དབུས་སུ་ཕན་ཚུན་གཅིག་གིས་གཅིག་མི་སྒྲིབ་པར་འཕྲད་དེ་ཁ་སྦྱར་བའི་ཐིག་ལེ་རྡེ་རྗེ་དཀྱིལ་ཀྲུང་བྱ། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་རླུང་དབུ་ མར་ཞུགས་པ་ནས་འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར། གཏུ་མ་མོ་སྦར་ཏ་ཡས་བབས་དང་མས་བརྟན་གྱི་དགའ་བཞི་བསྐྱེད་ཚུལ་སྔར་ལྟར་བྱས་ལ་བདེ་སྟོང་རྡོ་རྗེ་དཀྱིལ་ཀྲུང་བྱ། ཡེ་རྒྱ་དང་སྦྱར་ ནས་བསྒོམ་པའི་ཚེ་ཡང་དམིགས་པ་འདི་བཞིན་བྱེད། སྙིང་ཁར་མི་ཤིགས་བའི་ཐིག་ལེ་ཨ་ཐུང་དང་བཅས་པ་སྔར་ལྟར་གསལ་གདག་བ་སྦུའི་བུ་ག་ཐམས་ཅད་ནས་རྩ་རྩེ་བ་སྙིང་ཁའི་དྷཱུ་ཏི་ལ་ཟུག་པ་བྱས་ [042A]༄༅། །ལ༑ ཨ་ཐུང་ལ་དམིགས་ཏེ་བསྒོམ་པས་རླུང་དབུ་མར་ཞུགས་པ་ནས། འོད་གསལ་གྱི་བར་གྱི་རྟགས་རྣམས་འཆར། དེ་ནས་ཨ་ཐུང་ལས་འོད་ཟེར་ཕྲ་མོ་ཉི་འོད་འཕྲོས་པ་ ལྟར་རྩ་ནང་ཐམས་ཅད་ནས་ཧཱུཾ་གི་གདངས་ཀྱིས་ཕྱིར་འཕྲོས། རྩ་རྩེ་ནས་བཟུང་སྟེ་ལུས་ཀྱི་ཆ་ཐམས་ཅད་ལ་ཁྱད་པའི་རླུང་ཐམས་ཅད་བཀུ་གནས་ནང་དུ་ཧཱུཾ་གི་གདངས་ཀྱིས་འཇུག་དེའི་ཚེ་རྟགས་ དང་རྟགས་ཅན་བརྒྱད་པོ་འཆར། ཨའི་གདངས་ཀྱིས་ཨ་ཐུང་གི་སྟོང་སྨད་པར་གསུམ་ཐམས་ཅད་ནས་ཐིམ་སྟེ་གནས། ཡང་སྤྲོས། ཡང་བསྡུད་ཏེ་བདེ་སྟོང་སྦྱར། སྙིང་ཁར་མི་ཤིགས་པ་ཨ་ཐུང་ དང་བཅས་པ་གསལ་གདབ། གསར་གནས་ཀྱི་ཐུར་སེལ་གྱིས་གཙོ་བྱས་པའི་འོག་འགྲོའི་རླུང་རྣམས་ཡར་དྲངས་ཏེ་ཨ་ཐུང་གི་འོག་ཟུར་ནས་བསྟིམ་ཞིང། དེའི་ཚེ་སྦྱོར་བ་འཇམ་པོས་སྨད་ཀྱི་བྱེད་བཅིངས་ ཅུང་ཟད་དག་པར་བྱ། སྲོག་འཛིན་གྱིས་གཙོ་བྱས་པའི་སྟེང་འགྲོའི་རླུང་རྣམས་མར་དྲངས་ཏེ་ཨ་ཐུང་གི་སྟེང་ཟུར་ནས་བསྟིམ་ཞིང། དེའི་ཚེ་མཆིལ་མ་ཅུང་ཟད་མིད་དེ་མནན། ཐད་ཀའི་རླུང་རྣམས་ཀྱང་ བསྟིམ་ལ་རླུང་འཛིན་པའི་ཡུན་ཚད། ལག་པ་གཉིས་ལན་གསུམ་མཉེས། པུས་མོ་གཉིས་དང་དབྲལ་བར་རེག་སེ་གོལ་ལན་གསུམ་གཏོགས་པའི་ཡུན་སོ་དྲུག་བུམ་པ་ཅན་ཆུང་དུ། དོན་གཉིས་ འབྲིང༑ བརྒྱ་རྩ་བརྒྱད་ཆེན་པོ་སྟེ། དེ་དག་ནུས་ནུས་ཀྱི་བར་དང། དེ་ནས་ཀྱང་སྦྱང་དགོས་མོད་ཀྱང་དང་པོར་ཅི་ཙམ་འཚམས་པ་བློ་ནུས་དང་བསྡུན་ཏེ་ཡང་ཡང་སྦྱང། རླུང་དབུ་མར་འདུས་པ་ལས་ བྱུང་བའི་རྟགས་དང་རྟགས་ཅན་བརྒྱད་འཆར། བདེ་སྟོང་སྦྱར། སྙིང་ཁར་མི་ཤིགས་པ་ཨ་ཐུང་དང་བཅས་པ་གསལ་གདབ། ཁྱབ་བྱེད་ཀྱི་སྐབས་ལྟར་ཨ་ཐུང་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་རྩ་ལམ་ [042B] ཕྱི་རོལ་གྱི་སྣོད་བཅུད་ཐམས་ཅད་ཀྱི་རླུང་རྣམས་བཀུག་རྩ་རྩེ་རྣམས་སུ་བསྡུས། དེ་ནས་ཨ་ཐུང་ལ་བསྟིམ་པ་རྗེས་གཞིག་དང་འདྲ་བའི་སྡུད་ རིམ་དང། ཕྱི་རོལ་གྱི་རླུང་མི་བསྡུ་བར་ལུས་ཀྱི་རླུང་ཐམས་ཅད་བསྡུ་བ་རིལ་འཛིན་དང་འདྲ་བའི་སྡུད་རིམ་སྟེ། དེ་བསྒོམས་པས་རླུང་དབུ་མར་འདུས་པའི་རྟགས་དང་རྟགས་ཅན་འཆར། བདེ་སྟོང་སྦྱར་ ཕྱིའི་རྐྱེན་ལས་རྒྱ་དང་སྙོམ་པར་འཇུག་པའི་ནང་ནས་ཁྱབ་བྱེད་ལ་དམིགས་པའི་རྡོར་བཟླས་སོགས་གང་རུང་བྱས་པ་ལ་བརྟེན་ནས་རླུང་ཐིམ་པའི་རྟགས་དང་རྟགས་ཅན་ཤར་བའི་འོད་གསལ་ནི་སེམས་དབེན་ དཔེའི་འོད་གསལ་མཐར་ཐུག་ཡིན། དེ་ལས་ལྡང་བན་ཕུང་བོ་རྙིང་བའི་ཕྱིར་རོལ་དུ་རྡོ་རྗེ་འཆང་དཀར་པོ་ཡབ་ཡུམ་གཙོ་བོར་གྱུར་པའི་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ལྡང། སྒྱུ་མའི་སྐུ་དེ་དབེ་ བཅུ་གཉིས་ཀྱིས་མཚོན། སྐུ་དེས་སྐུའི་ཏིང་ངེ་འཛིན་སེམས་དཔའ་ཨོཾ་གྱི་ཐིག་ལེའི་ནང་དུ་གསུང་གི་དམ་ཚིག་སེམས་དཔའ་སོགས་སེམས་དཔའ་དགུ་བརྩེགས་བསྒོམ་པས་རླུང་སྙིང་ཁྲ་བསྡུས་པའི་རྟགས་ དང་རྟགས་ཅན་འཆར། སྟོང་ཉིད་བསྒོམ། ཡིད་ངོར་དག་པའི་སྒྱུ་ལུས་སུ་ལྡང། རྟེན་བརྟེན་པའི་དཀྱིལ་འཁོར་སྤྲུལ་བ་སོགས་ཕྲ་བའི་སྤྲུལ་སྐུ་དུ་མ་འཛིན་པར་བྱེད། ཕུང་པོ་རྙིང་བའི་སྙིང་ཁར་འཇུག་ རྗེས་ཐོབ་ཀྱི་ཉམས་ལེན་རྣམས་སྐྱོང། སྙིང་ཁར་མི་ཤིགས་པ་ཨ་ཐུང་དང་བཅས་པ་གསལ་གདབ། ཨ་ཐུང་ལས་སྤྲོས་པའི་འོད་ཟེར་གྱིས་ཕྱི་རོལ་གྱི་སྣོད་བཅུད་ཐམས་ཅད་འོད་གསལ་དུ་བཅུག་ནས་ རང་ལ་ཐིམ། རང་འོད་གསལ་དུ་ཞུགས་ཏེ་ཨ་ཐུང་ལ་ཐིམ་པ་རྗེས་གཞིག་དང། རང་ཁོ་ན་འོད་གསལ་དུ་སྡུ་བ་རིལ་འཛིན་བསྒོམས་པས། རླུང་དབུ་མར་ཞུགས་པ་ནས་འོད་གསལ་གྱི་བར་གྱི་རྟགས་ [043A]༄༅། །དང་རྟགས་ཅན་འཆར། སྟོང་བཞི་དགའ་བཞིའི་ངོ་བོར་འབྱུང། བདེ་སྟོང་སྦྱར། ཉོན་སྒྲིབ་ཀྱི་དངོས་གཉེན་དོན་གྱི་འོད་གསལ་བསྐྱེད། དེ་ལས་སློབ་བའི་ཟུང་འཇུག་གི་ ཐོག་མ་སྤངས་བཟུང་འཇུག་ལྡང། དེས་སྟོང་ཉིད་ལ་མཉམས་པར་བཞག་པས་རྟགས་དང་རྟགས་ཅན་རྣམས་འཆར། ཤེས་སྒྲིབ་རེགས་པའི་དང་པོའི་དངོས་གཉེན་དུ་གྱུར་བའི་འོད་གསལ་དང་ རྟོགས་པ་ཟུང་འཇུག་གི་ཐོགས་མ་འཐོབ། དེ་ནས་རིམ་གྱིས་ཤེས་སྒྲིབ་རགས་བསྐོར་གསུམ་འབྲིང་སྐོར་གསུམ་ཕྲ་མོར་ཕྲ་མོ་རྣམས་ཀྱི་དངོས་གཉེན་དུ་གྱུར་བའི་ས་གཉིས་པ་ནས་ས་བཅུའི་བར་གྱི་དོན་གྱི་འོད་གསལ་རྣམས་ འཆར༑ སྒྱུ་འོད་ཟུང་གསུམ་དེ་དག་རེ་རེ་ལ་འང་སྔོན་དུ་བླ་མ་ཚོགས་འཁོར་གྱིས་མཉེས་པར་བྱུས། བླ་མས་དབང་སྐུར་ཏེ་གདམ་ངག་ཕོག་དེ་ནས་ལས་རྒྱ་དང་སྙོམས་པར་འཇུག་ཅིང་སྟོང་ཉིད་ བསྒོམ་པའི་ཕྱི་ནང་གི་རྐྱེན་གཉིས་གཉིས་དགོངས་པར་འདྲ། འབྲས་བུ་མངོན་དུ་བྱེད་ཚུལ་ནི། སློབ་པ་མཐའི་འོད་གསལ་ལྟ་བུ་ཚེས་བརྒྱད་ཀྱི་ཐོ་རངས་མངོན་དུ་བྱས། དེ་ནས་ཚེས་བཅོ་ལྔའི་བར་དེ་ལ་ མཉམ་པར་བཞག་བཅོ་ལྔའི་ཐོ་རངས་འོད་གསལ་དེ་ལས་མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་མངོན་དུ་བྱས་ཏེ་འཁོར་བ་ཇི་སྲིད་བར་འགྲོ་བའི་ངོན་མཛད་ཅིང་བཞུགས་པར་འགྱུར་ རོ༑༑ ༑༑ཅེས་དཔལ་གསང་བ་འདུས་པའི་དམར་ཁྲིད་ཤིན་དུ་ཟབ་པའི་ཞལ་ཤེས་དང་བཅས་པ་འདི་ནི་ཁྱབ་བདག་འཁོར་ལོའི་མགོན་པོ་དཀོན་མཆོག་ཡར་འཕེལ་བའི་གསུང་གི་བདུད་རྩེའི་བྲེག་མ་ཅུང་ཟད་ མྱངས་པའི་གྱིན་བ་ངག་དབང་བློ་བཟང་ཆོས་ལྡན་གྱིས་བྲིས་པ་གཞན་ལ་ཤིན་དུ་གསང་བར་བྱ་བའི་སྙིང་ནོར་རོ།། དགེའོ།། ལགས་སོ།།